《深信明燈論》第六篇

持明恩師仁增塔欽新譯


དེ་ལ་འདི་སྟོང་འདིས་སྟོང་དང།།

此空而以此空及

འདི་སྣང་འདི་སྟོང་དབྱེ་བ་ཞིག།

此顯此空分別謂

ནམ་ཡང་རྙེད་པ་མེད་པ་ལ།།

此乃永遠尋不得

ཁོ་ཐག་ནང་ནས་ཆོད་པའི་ཚེ།།

內心決定之時際

དོན་ཚོལ་མཁན་པོ་དོན་མེད་པས།།

尋覓意者無得尋

ཡིད་ཆད་སྐྱེ་བ་མེད་ཀྱི་རྟིང་།།

意斷無有產生際

ཡིད་བདེ་ཐོབ་པ་ངོ་མཚར་ཆེ༑

意獲奇哉之快樂

༈འགའ་ཞིག་ཉན་རང་དགྲ་བཅོམ་པས།།

有說聲聞阿羅漢

ཆོས་ཀྱི་བདག་མེད་མ་རྟོགས་ཟེར།།

尚未了悟法無我

ཕུང་པོར་ང་ཙམ་འཛིན་པའི་བདག།

五蘊之中執著我

མ་ཁེག་དེ་སྲིད་དེའི་ནུས་པའི།།

未遮之前之此力

ཉོན་མོངས་སྤོང་བ་མེད་པ་དང།།

煩惱等障無法離

བདག་དེ་འང་ཕུང་པོ་ལ་བརྟེན་ནས།།

謂我亦依靠五蘊

བརྟགས་ཙམ་ངར་འཛིན་ལྷན་སྐྱེས་ཀྱི།།

取稱我執俱生執

ཡུལ་ཡིན་དེ་དང་བུམ་སོགས་ལ༑༑

對境以及瓶子等

སྟོང་གཞིའི་དབྱེ་བ་མ་གཏོགས་པ།།

空基之些分別外

སྟོང་ཚུལ་ཁྱད་པར་འགའ་མེད་དེ༑༑

空性本貌無分別

ཆོས་དང་གང་ཟག་སོ་སོར་ཡང་།།

所知煩惱障各亦

རང་བཞིན་གྲུབ་པས་སྟོང་ཕྱིར་རོ་།།

自性無立是空性

དེ་ལྟར་ལུང་དང་རིགས་པས་ཀྱང་ཅང།།

如是教言睿智以

མངོན་སུམ་གྲུབ་ལས་བརྒལ་ནས་སུ།།

真實成立已超越

ཉན་རང་ཆོས་བདག་མ་རྟོགས་ཞེས།།

聲聞未悟法無我

སྨྲ་བ་དམ་བཅའ་ཙམ་དུ་ཟད།།

說法僅是承諾矣

དེ་ལ་ཁ་ཅིག་ཐལ་ཆེས་ནས།།

有者論點過度以

ཐེག་གསུམ་མཐོང་ལམ་གཅིག་པ་དང།།

三次第見道相同

རྟོགས་པ་མཐོ་དམན་མེད་པར་འདོད།།

證悟無有高低別

ཤེར་ཕྱིན་སྔག་སོགས་མདོ་རྒྱུད་གཞུང།།

般若與顯密經文

ཀུན་ཀྱང་དྲང་བའི་དོན་དུ་འབྲེལ།། 

咸全不了義闡釋

དེ་ལ་དམན་ལམ་སྔོན་སོང་བའི།།

於前先入於低道

ཐེག་ཆེན་མཐོང་ལམ་ཐོབ་སོགས་ཚེ།།

大乘見解獲得時

སྤང་བྱ་ཅུང་ཟད་མེད་སོགས་སྐྱོན།།

毫無淨斷等缺失

རིགས་པས་གནོད་པ་ཟློག་མེད་འབབ།།

睿智辯駁自然達

གཞན་ཡང་རྟོགས་བྱ་རྟོགས་གྱུར་ཀྱང།།

復次證悟已證後

སྤང་བྱ་སྤོང་བར་གྲོགས་དགོས་ཟེར།།

淨斷之時需助力

མ་རྟོགས་རྟོགས་པར་ཁས་བླང་འགལ།།

未悟與許悟相違

རྟོགས་ན་སྤང་བྱ་མི་སྤོང་འགལ།།

已悟則與未淨違

ཉི་མ་ཤར་ཡང་མུན་པའི་དཔུང།། 

日昇之際遣暗軍

འཇོམས་པ་གཞན་ལ་ལྟོས་པར་འཚལ།།

依靠其餘可譏矣


持明恩師新譯20180925

創作者介紹
創作者 歡喜自在窩的部落格 的頭像
如雲菩提

歡喜自在窩的部落格

如雲菩提 發表在 痞客邦 留言(0) 人氣( 2 )