དད་པ་མེད་པའི་མི་རྣམས་ལ།།

“无信心之人,

དཀར་པོའི་ཆོས་ནི་མི་འབྱུང་སྟེ།།

不生诸善法,

ས་བོན་མེ་ཡིས་ཚིག་པ་ལ།།

如种被火焚,

མྱུ་གུ་སྔོན་མོ་ཇི་བཞིན་ནོ།།ཞེས་གསུངས།

青芽岂能生?”

དེ་བཞིན་དུ་དད་པ་ནི་འཕགས་པའི་ནོར་བདུན་གྱི་གཙོ་བོ་ཡིན་ཏེ།

此外,信心居于七圣财之首位,如云:

དད་པའི་འཁོར་ལོ་རིན་པོ་ཆེ།།

“信心如宝轮,

ཉིན་མཚན་དགེ་བའི་ལམ་ལ་སྦྱོར།།

昼夜修善道。”

ཞེས་པ་ལྟར་ཡིན་པས་ནོར་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པ་ཡིན་པ་དང་དེ་བཞིན་དུ་ཡོན་ཏན་མི་ཟད་པའི་འབྱུང་གནས་ཡིན་པས་གཏེར་དང་།

所以说,信心是一切财宝中最殊胜的。同样,信心也是无尽功德的源泉,犹如宝藏;

ཐར་པའི་ལམ་དུ་འགྲོ་བའི་རྐང་པ་དང་།

能趋入解脱胜道,犹如双足;

དགེ་བའི་ཆོས་ཐམས་ཅད་རང་རྒྱུད་ལ་སྡུད་པའི་ལག་པ་ལྟ་བུ་ཡིན་ཏེ།

将一切善法揽入自相续,犹如双手。

如颂云:

དད་ལ་ནོར་དང་གཏེར་དང་རྐང་པའི་མཆོག།

“信财宝藏双足胜,

ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན།།ཞེས་གསུངས།

犹如双手摄善根。”

དེས་ན་དཀོན་མཆོག་གསུམ་ལ་ཐུགས་རྗེ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། དེ་རང་རྒྱུད་ལ་འཇུག་པར་བྱེད་པ་ནི་དད་པ་དང་།མོས་གུས་ཁོ་ན་ལ་རགས་ལས་པ་ཡིན་པས་ན། རང་ལ་དད་པ་དང་མོས་གུས་རབ་ཅིག་ཡོད་ན་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་བྱིན་རླབས་ཡང་རབ་ཅིག་འཇུག།

虽然三宝具有不可思议的悲心与加持,但要想使之融入自相续,唯一依赖自己的信心和恭敬心。因此,如果自己具有上品的信心与恭敬心,那么所得到上师三宝的悲悯与加持也是上等的。

創作者介紹
創作者 歡喜自在窩的部落格 的頭像
如雲菩提

歡喜自在窩的部落格

如雲菩提 發表在 痞客邦 留言(0) 人氣( 2 )