一日一夜之時戒上三道戒體

ཨོཾ་མ་ཎི་པདྨེ་ཧཱུྃ།
嗡 嘛呢貝美吽
སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མིའི་ཟོལ་དུ་བྱོན་པ།བྱང་ཆུབ་སེམས་ཀྱི་མངའ་བདག་ཀུན་མཁྱེན་འཇིགས་བྲལ་གླིང་པས་གདུལ་བྱ་ཕལ་ཐ་རྣམས་ལ་ཐུགས་རྗེས་རྗེས་ཆགས་ཀྱིས། ཐར་པའི་ས་བོན་བཟང་པོ་རྒྱུད་ལ་འཇོག་པའི་ཐབས། རྒན་མོ་སྨྱུང་གནས་ཅེས་ཉིན་ཞག་ཕྲུགས་གཅིག་གི་སྡོམ་པ་འདི་ལ་སྤྲོས་བཅས། སྤྲོས་མེད་གཉིས་ལས། དང་པོ་ཁྱིམ་པ་འབྱོར་ལྡན་སྤྲོས་པ་ལ་དགའ་བ་དག་གིས། ཐོག་མར་གནས་ཁང་ཕྱག་དར་དང་། བསོད་ནམས་བསགས་པའི་ཡུལ་རྟེན་གསུམ་བྱིན་རླབས་ཅན་བཤམས་ལ། མར་མེ་གཙོས་མཆོད་པའི་ཚོགས་ཅི་འབྱོར་བཅས། ནམ་ལངས་སམ་རང་ཡུལ་རི་རྩེར་ཉི་ཟེར་ཕོག་དུས། གོས་གཙང་མར་གྱོན། ཡན་ལག་ལྔ་ཁྲུས་སྔོན་དུ་འགྲོ་བས། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས།
慈悲顯身尊者觀音菩薩虔頂禮,賜予加持,尊者觀音菩薩以人之模樣示現之,菩提寶心永權者全知吉美林巴為救度眾有情,對普通度眾不捨大悲心以解脫圓滿種子相續中安置方法。耆婦,紐涅或禁食一日一夜之戒律,此乃有戲與無戲二者。
第一、家庭富足喜悅有戲眾們,首先己之環境臥室拂拭潔淨,積福之依,俱加持皈境三者安置妥當,繼而供燈,富供養盡
力而為,天亮或自住處太陽光映照山頂時,穿戴潔淨服飾,五肢洗淨先前已作後,三寶之功德憶念中。 

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
遍知如來誠頂禮
འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།
此乃覺綻伏德越此謂法界臻 滅魔敵
塵究竟 圓滿覺綻 明覺及德相具
བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ།
吉悅臻滅依咸知 勝者降服轉向解脫
བླ་ན་མེད་པ ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ།
最勝上 天及眾人之導師覺綻伏德越
དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ།
法界臻此乃伏德諸因等同 善根眾無枉費
བཟོད་པས་བརྒྱན་པ་བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ།
忍辱以嚴福德諸藏之根 隨形圓滿諸莊嚴
མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ།
德相眾之花綻放 行境適順 所視皆無不睦
དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་གནོན་པ།
信具信心眾以慧悅 慧力難以抑
སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ༑
諸力無法揉 有情悉全之導師
བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ།
淨悟菩薩眾之父 尊者漏眾之聖王
མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན།ཡེ་ཤེས་དཔག་ཏུ་མེད་པ།
寂靜涅槃之城內趣入眾之導主 智慧無量無邊

སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ།
勇傲無量無邊 言究竟純淨 韻妙樂
སྐུ་བྱད་ལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ།
身形喜視不饜 身無倫比 諸貪婪無染穢
གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ།
諸色相以無近染 諸無色及無融
སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ།
苦難諸中勝解脫 諸蘊之中極勝解脫
ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྔམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ།
諸界皆不具 諸處之中戒結 諸執結極為斷除
ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ་བ།
悉全諸難之內勝解脫 能顯裡解脫
ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ།
戲增水跨越 智慧咸全圓滿

འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ།
往昔及未來與現在顯之覺綻伏德越眾之智慧已住
མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ།
寂靜涅槃中無住 究竟性智邊際在
སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ།
有情悉全視之覺地住
འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །
此等謂覺綻伏德越眾之身極功德究竟諸眾即是
དམ་པའི་ཆོས་ནི་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ།
正法謂 首先善中為善末亦善根
དོན་བཟང་པོ༑ ཚིག་འབྲུ་བཟང་པོ། མ་འདྲེས་པ།
意圓滿 辭字圓滿 無混淆
ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ།
悉數圓滿 咸全純淨 一切淨悟
བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ་ནད་མེད་པ།
伏德越予以妙法勝宣 究竟視通無有病
དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ།
時未中止 勝近方造 辭閱俱涵義

མཁས་པ་རྣམས་ཀྱིས་སོ་སོ་རང་གི་རིག་པར་བྱ་བ།
慧者各眾予己能曉視
བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་བརྟེན་པ།
伏德越所宣教之律法妙依
ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ།
出離心顯 圓滿淨悟菩提趨入行
མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། བརྟན་པ་ཡོད་པ་རྒྱུ་བ་བཅད་པའོ། །
無不和睦之存匯聚全 依俱有續斷即為
ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་ཞུགས་པ། རིགས་པར་ཞུགས་པ༑
大覺階之僧眾謂 勝妙入 明勝入
དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ།
直正入 祥和入 實應合掌之皈境
ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་།
實應頂禮之皈境 福德之吉田
ཡོན་ཡོངས་སུ་སྦྱང་བ་ཆེན་པོ། །སྤྱིན་པའི་གནས་སུ་གྱུར་པ།
信財大淨化 施境之勝覺者
ཀུན་ཏུ་ཡང་སྤྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་སམ། བསྡུ་ན།
恆時施境之極覺勝者 如述 簡易

སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། ། སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །
覺綻佛主誠頂禮 救護勝法誠頂禮
དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། ། གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །
悅善僧眾誠頂禮 三寶永恆恭頂禮
སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། ། ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །
覺綻佛德無量邊 正法勝德無量邊
དགེ་འདུན་ཡོན་ཏན་བསམ་མི་ཁྱབ། ། བསམ་མི་ཁྱབ་ལ་དད་བྱས་པའི། །
僧眾功德無量邊 無量無邊俱信心
རྣམ་པར་སྨིན་པའང་བསམ་མི་ཁྱབ། ། རྣམ་དག་ཞིང་དུ་སྐྱེ་བར་ཤོག །
業果成熟亦無際 清淨剎土願勝達
དེ་ནས་གནས་དང་ཡོ་བྱད་བྱིན་རླབས་སྤྲོ་ན།爾後處物若欲加持
དཀོན་མཆོག་གསུམ་གྱི་བདེན་པ་དང་།
稀貴三寶真理及
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་།
覺綻佛和雄心菩薩咸全之加持與
ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་།
福慧二者悉全圓滿之大富及
ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས།
法界性覺純清淨無量無邊之力引
དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར།
此乃環境之地此 悅俱淨土莊嚴般 圓滿勝俱
莊嚴以豐饒莊嚴 變為美麗意悅無量無邊 

ཐལ་མོ་སྙིང་ཁར་སྤྱར་ཏེ།心間合掌
ན་མཿསརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་བརྟེ་བྷྱཿསྭཱ་ཧཱ།
納美薩哇布達 博德薩埵貝 嗡薩哇博 般若般若 思熱思熱 阿帝貝 梭哈ལན་བདུན།七遍
ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར།
圓滿豐俱淨土此乃天界與人之珍貴之受用
色及 響及 聞及 味及 觸等顯成清淨
意悅之供物如雲海無量無邊遍虛空悉全遍滿
ནམ་མཁའ་མཛོད་ཀྱི་སྔགས་ནི། 虛空寶藏咒
納瑪 薩哇達他 嘎達 巴佑佈修 麼科貝 薩爾哇 德康嗡嘎德 薩帕惹納 喝麼 貢嘎納康 梭哈
ན་མཿསོགས་ཞེས་པད་སྐོར་སྔོན་དུ་འགྲོ་བས་ཕྱག་རྒྱ་སེ་གོལ་བཅས་ལན་གསུམ།
南美等 前有蓮花轉手印後合掌彈指共三遍
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
稀貴三寶誠頂禮


ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སྭ་ར་པྲ་མ་རྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བྷོ་དྷི་ཙིཏྟ་བཛྲེ། མ་ཧཱ་བྷོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ།སརྦ་ཀཱརྨ་ཨ་བཱ་ར་ཎ་བི་ཤྭ་དྷ་ནཱི་བཛྲེ་སྭཱ་ཧཱ།
嗡 南摩邦嘎哇喋 班雜梭熱 札馬達呢
達它嘎達雅 阿哈碟 三耀三布達雅 喋雅他
嗡 邊則邊則 瑪哈邊則 瑪哈巔佐邊則
瑪哈佈雅邊則 瑪哈博德 資達邊則
瑪哈博德滿卓 巴桑 渣瑪拿邊則 薩瓦嘎瑪
阿瓦惹那 佈修達呢 邊則梭哈 ཞེས་ཀྱང་བྱ།如述 བསྡུ་ན།總結

ཐམས་ཅད་དུ་ནི་ས་གཞི་དག ། གསེག་མ་ལ་སོགས་མེད་པ་དང་། །
悉全皆為鋪大地 沙礫污塵咸全無
ལག་མཐིལ་ལྟར་མཉམ་བཻཌཱུརྱའི།། རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་དང་།
平坦掌般藍寶之 質透觸柔願速至 如述

བྱིན་གྱིས་རླབས་པའི་གཟུངས།加持咒ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ།ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་བརྟ་ཡ་ཨ་བརྟེ་བྷྱཿ ཨོཾ་བཛྲ་སྥ་ར་ན་ཁཾ།
南瑪 薩瓦布達博德薩埵貝嗡 薩瓦博般若般若 思熱思熱 阿瓦達雅阿碟貝 嗡班雜 薩帕熱納康
ལན་གསུམ་གྱིས་གནས་དང་ཡོ་བྱད་བྱིན་གྱིས་བརླབས།誦三遍 以處所與供物加持

དེ་ནས་ཚོགས་ཞིང་སྤྱན་དྲང་བ་ནི་གུས་པ་དང་བཅས། སྤོས་རིང་སོགས་དྲི་བཟང་པོ་བཏུལ་ཏེ།
而後皈境降臨謂具禮齊共 長香等妙香燃燒 

མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་།།བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །
魔眾大軍無邊摧滅尊 咸全有情諸眾之怙主
དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི།། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །
物心咸全元貌即了知 伏德越佛隨眾齊降臨
བཅོམ་ལྡན་བསྐལ་བ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱང་ཞིང་། །
伏德越佛無量多劫中 有情慈愛大悲以淨化
སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི།།ཁྱོད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན༑ ༑
祈願廣大意想滿成之 汝欲度眾利生時已至
དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །
故而法界自然宮殿內 神通加持諸種示現引
མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བྱའི་ཕྱིར།། ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །
無邊有情眾為誅度脫 究竟佛及隨眾齊降臨
ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། ། བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །
諸法咸全之永主 精純黃金色澤般
ཉི་མ་ལས་ལྷག་གཟི་བརྗིད་ཅན། ། དད་པས་སྤྱན་ནི་དྲང་བར་བགྱི། །
逾日曜亮之力俱 引以信心而領至
ཞི་ཞིང་ཐུགས་རྗེ་ཆེར་ལྡན་པ། ། དུལ་ཞིང་བསམ་གཏན་ས་ལ་བཞུགས། །
寂靜大悲俱全矣 伏柔禪定之地住
ཆོས་དང་ཡེ་ཤེས་ཆགས་བྲལ་བ། ། ཀུན་ཏུ་མི་བཟད་ནུས་པར་ལྡན། །
法及智慧遠離貪 永不用竭力量俱

ཚུར་བྱོན་ཚུར་བྱོན་ཞིང་བདག་ལྷ། ། ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །
速臨速臨淨土尊 能仁生貴覺遍知
ཤིན་ཏུ་ལེགས་བྱས་གཟུགས་བརྙན་པ། ། མཆོད་པའི་གནས་འདིར་གཤེགས་སུ་གསོལ། །
極為妙立勝肖像 供養之處降臨至
ཞེས་བླ་མ་དང་གཉིས་སུ་མེད་པའི་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ནས་གདན་སོ་སོར་བཞུགས་པར་མོས་ལ།
此般上師及觀音一如覺綻佛菩薩悉全環繞導引至各位置上觀想
བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །
伏德越佛臨榮幸 吾等福德勝俱全
བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །
吾之獻供享納予 慧中徹悟允諾賜
པདྨ་ཀ་མཱ་ལ་ཡ་སྟྭཾ། དེ་ནས།
貝瑪嘎瑪拉耶當 爾後

ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །
所有十方世界中 三世一切人師子
བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། ། ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །
我以清淨身語意 一切遍禮盡無餘
བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། ། རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །
普賢行願威神力 普現一切如來前
ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །
一身復現剎塵身 一一遍禮剎塵佛
རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །
於一塵中塵數佛 各處菩薩眾會中
དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །
無盡法界塵亦然 深信諸佛皆充滿
དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །
各以一切音聲海 普出無盡妙言辭
རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །
盡於未來一切劫 讚佛甚深功德海
མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །
以諸最勝妙華鬘 伎樂塗香及傘蓋
མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །
如是最勝莊嚴具 我以供養諸如來
ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །
最勝衣服最勝香 末香燒香與燈燭
བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །
一一皆如妙高聚 我悉供養諸如來
མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །
我以廣大勝解心 深信一切三世佛
བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །
悉以普賢行願力 普遍供養諸如來
འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །
我昔所造諸惡業 皆由無始貪瞋癡
སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །
從身語意之所生 一切我今皆懺悔
ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །
十方一切諸眾生 二乘有學及無學
འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །
一切如來與菩薩 所有功德皆隨喜
གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །
十方所有世間燈 最初成就菩提者
མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །
我今一切皆勸請 轉於無上妙法輪
མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །
諸佛若欲示涅槃 我悉至誠而勸請
བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །唯願久住剎塵劫 利樂一切諸眾生ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །
所有禮讚供養福 請佛住世轉法輪
དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །
隨喜懺悔諸善根 回向眾生及佛道
頂禮齊同七支供養唸誦一遍དེ་ནས་པུས་མོ་བཙུགས་ཤིང་ཐལ་མོ་སྦྱར་ནས།爾後跪拜合十 然續誦

འཕགས་པའི་ཐུགས་ནི་སངས་རྒྱས་ཏེ། ། གསུང་ནི་དམ་ཆོས་སྐུ་ད་གེ་འདུན། །
尊者意謂覺綻佛 言謂正法身僧眾
གང་ལ་སྐྱབས་མཆི་སེམས་ཅན་དོན། །ཚད་མེད་བཞི་བསྒོམ་ཁྱེད་བསྒྲུབ་བྱ། །ཞེས་ལན་གསུམ།
任孰皈依利有情 無量四觀汝修持 三遍
སྡོམ་པ་དངོས་ཁས་ལེན་པ་ནི། 真實守戒允諾謂

སངས་རྒྱས་འཕགས་པ་དགོངས་སུ་གསོལ། །
覺綻尊者引領知
དེང་ནས་ཉ་སྟོང་གཞན་ལ་སྡོམ་པ་སྦྱིན་སྐབས་དེ་ལྟར་དང་། རང་གི་རྟེན་དྲུང་དུ་ལེན་སྐབས་སམ། གྲངས་མང་འཕྲོ་མཐུད་དེ་བསོགས་སྐབས་བརྒྱད་དེང་ནས་སང་གི་ཉི་ཤར་བར། ཞེས་ཁ་བསྒྱུར་ན་ལེགས། མཆན།
རྣམས་ལ། །
自此月滿三十授予其他人戒律或己於皈境前持守或數多連續而累積時,從今至明晨日升前,如是需變化八
སྲོག་གཅོད་རྐུ་དང་མི་ཚངས་སྤྱོད། །རྫུན་ཚིག་ཆང་དང་གླུ་གར་རྒྱན། །
殺生偷盜及邪行 謊酒歌舞著香華
ཁྲི་སྟན་མཐོ་དང་ཕྱི་དྲོའི་ཟས། ། སྤངས་ཏེ་ཡན་ལག་བརྒྱད་པ་བསྲུང་།།
肘高座床下午食 遠離八支戒守護
ཉོན་མོངས་དགྲ་སྟེ་འཇོམས་པར་ཤོག ། ལན་གསུམ་གྱིས་སྡོམ་པ་བཟུང་ལ།
煩惱敵魔願砸毀 念三遍而守戒

ཨོཾ་ཨཱ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་ས་ཏྭ། པདྨ་བྷི་བྷུ་ཥི་ཏ་བྷུ་ཛ།
དྷ་ར་དྷ་ར། ས་མཱནྟ། ཨ་བ་ལོ་ཀི་ཏེ་ཧཱུྃ་ཕཊཿསྭ་ཧཱ།
嗡 阿牟嘎希拉 桑巴日桑巴日 巴日巴日 瑪哈希達梭哈 貝瑪布布柯達 布雜達日達日 薩曼達 阿哇羅哥得吽呸梭哈
ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་འདི་ལན་ཉེར་གཅིག་བརྗོད། 此持戒清淨之咒唸誦二十一遍

ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །
戒之戒律無損毀 持戒清淨純俱全
རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། ། ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག། །ཅེས་བརྗོད།
執傲心無持戒以 持戒般若願滿成 如是念
ཤེས་ན་སྨྱུང་གནས་འགྲོས་ལྟར་བསྟོད་པ་འདོན་ཚེ་ཡན་ལག་ལྔ་ལྡན་གྱི་ཕྱག་འཚལ། མིན་ཀྱང་ལྟུང་བཤགས། བཟང་སྤྱོད་སོགས་དང་སྦྲེལ་ཏེ་ཕྱག་བྱ། དེ་མིན་སྨྲ་བ་བཅད་དེ་མ་ནི་ཁོ་ན་ལ་འབད། ཉིན་གུང་ཤ་ཆང་མ་འདྲེས་པའི་ཟས་གདན་གཅིག ཕྱི་དྲོ་ཕྱག་སོགས་བསགས་སྦྱང་ཅི་འགྲུབ་བཅས། སང་ཉི་མ་རང་གནས་ཤར་བ་དང་བཟང་སྤྱོད་སོགས་བསྔོ་བ་དང་སྨོན་ལམ་མཐའ་རྒྱས་བྱའོ།། །།
八關齋戒若已知曉如齋戒所述般五體投地而禮拜,或依三聚經、普賢行願王品邊念邊頂禮,或禁語而持續盡力念嘛呢,中午食用無肉酒之食物安坐於一處;下午時頂禮等積福淨障盡力而行持;明日早晨太陽初升時念誦普賢行願王品等等祈願文而結行迴向。 

གཉིས་པ་བསྡུས་པའི་ཚུལ་ནི། བཤམ་བཀོད་དང་ཕྱག་དར་བཅས། ཐ་ན་སཙྪ་ཙམ་གྱི་དམིགས་རྟེན། མར་མེ་དང་།
ཆུ་མཆོད་ཙམ་འདུ་བྱ། ཡན་ལག་ལྔ་ཁྲུས་སོགས་སྔོན་དུ་འགྲོ་བས་དཀོན་མཆོག་གསུམ་རྗེས་སུ་དྲན་པར་བྱས་ཏེ།
第二個簡易無戲謂,安之,清掃,最起碼以一尊擦擦為皈境依,油燈、供水俱全,前有五肢等洗淨,而後憶念三寶之中。

སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །
覺綻佛主誠頂禮 救護勝法誠頂禮
དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །
悅善僧眾誠頂禮 三寶永恆恭頂禮
སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །
覺綻佛德無量邊 正法勝德無量邊
དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པའི། །
僧眾功德無量邊 無量無邊俱信心
རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག །
業果成熟亦無際 清淨剎土願勝達
ཅེས་བརྗོད་ཅིང་ཕྱག་འཚལ།མཆོད་པའི་སྤྲིན་གཟུངས་སོགས་བརྗོད་ཅིང་མཆོད་པ་གནས་ཡོ་བྱིན་བརླབ་བྱ།
如述念誦及頂禮,供養雲咒等念誦,供品加持。
མ་ལུས་སེམས་ཅན་སོགས་ཤླཽ་ཀ་གཅིག །བཅོམ་ལྡན་འདིར་ནི་སོགས་ཤློ་ཀ་གཅིག་བཅས་སྤྱན་འདྲེན་བཞུགས་གསོལ་དང་། བཟང་སྤྱོད་ཡན་ལག་བདུན་པ་དང་སྦྲེལ་ཏེ་ཕྱག ་འཚལ་ཞིང་བསགས་སྦྱོང་སྔོན་དུ་འགྲོ་བས། སྐྱབས་སེམས་སྡོམ་པ་ལེན་པ་སོགས་གོང་ལྟར་བྱས་པས་འཐུས་སོ།།
咸全有情等四句念誦,伏德越佛等四句念誦,如是降臨、安住及普賢行願品之七支供養頂禮與共,積福淨化首先具有然,皈依發心、守戒等上述修持即可。 
དེ་ཡང་ལོང་སྐབས་མེད་པ་དང་རྒན་རྒོན་སོགས་ཐ་མལ་པ་རྣམས་ཀྱིས་བྱང་ཆུབ་སེམས་དང་ལྡན་པའི་ཡུལ་རང་གི་མོས་གུས་ཆེ་བ་ཞིག་ལས། སྤྲོས་པ་རྒྱས་བསྡུས་གང་རུང་གི་སྒོ་ནས་སྡོམ་པ་ལེན་ཅིང་། ཚེས་བརྒྱད། བཅོ་ལྔ་གནམ་སྟོང་གསུམ་གྱི་དུས་རི་རྩེར་ཉི་ཟེར་ཕོག་མ་ཐག །རྩ་བཞི་ཆང་ལྔའི་ཉེས་པ་དྲན་ཅིང་།སང་ཉི་མ་རང་གནས་ཤར་དུས་བར་དམ་བཅའ་བ་ནི་ཉིན་ཞག་གཅིག་གི་དུས་ཁྲིམས་ཡིན་པས། སྲོག་གཅོད་ལྟ་བུ་ལ་མཚོན་ན་གང་ལྟར་ཡང་ལྗི་ཤིག་ཙམ་ཡང་གསོད་པའི་བསམ་པ་སྤང་དགོས། མ་བྱིན་ལེན་པ་གཞན་ལྟ་ཅི་ཁབ་སྐུད་ཙམ་ཡང་རྐུ་སེམས་དང་། མི་ཚངས་པ་སྤྱོད་པའི་ཕྱོགས་ཕོ་མོ་གཉིས་ཀ་སྡོམ་པ་ལ་གནས་པའམ། མིན་ཀྱང་ཆགས་སེམས་ཀྱིས་ཕན་ཚུན་ངོ་འཛུམ་ཙམ་དང་། རྫུན་ནི་རྩེད་མོའི་ཚུལ་ཙམ་ཡང་མི་སྨྲ་བའི་ཕྱིར་ངག་དམ་དུ་བཅད། ཆང་ཐིག་གཅིག །ཤ་ཏིལ་འབྲུ་ཙམ་ཡང་མི་ཟ། ཕྱི་དྲོའི་ཟས་རགས་པ་སྤངས་ཤིང་། རྒས་པ་དང་ནད་པ་སོགས་ལ་ཐུག་པའམ། ཞོ་ཙམ་རེ་མ་གཏོགས་སྤང་། གཞན་རྣམས་མ་སྤྲོས་ཀྱང་།རྩ་བ་བཞི་སྡོམ་པའི་དམ་བཅའ་དེ་ཡང་ཡང་དྲན་པར་བྱས་ནས། སང་རང་གནས་སུ་ཉི་མ་མ་ཤར་བར་རམ།ཡང་ན་དེ་མུས་ལྟར་ཉིན་ཞག་རེར་ཁུག་རེ་རྩིས་པའི་གྲངས་དུས་གཅིག་མིན་ཀྱང་། གོང་སྨོས་དུས་ཆེན་གསུམ་གང་རུང་ནས་བརྩམ་ཅི་འགྲུབ་གྲངས་བསགས་ཏེ། བརྒྱ་ཕྲག་ཙམ་གྲུབ་ན་ངན་སོང་གསུམ་དུ་མི་སྐྱེ། གལ་ཏེ་ལས་ཚབས་ཆེན་པོས་སྐྱེས་ནའང་དེ་མ་ཐག་ཐར་ཏེ་མཐོ་རིས་སུ་སྐྱེ་བ་ནི་སྟོན་པ་བདེན་པར་སྨྲ་བས་ཡང་ཡང་གསུངས་པས་བསླུ་བ་མེད་དོ། །སྐལ་བཟང་ཁྱིམ་པ་ཕལ་ཐ་དག་གིས་སྐྱབས་སྡོམ་དང་འབྲེལ་བའི་སྣ་གཅིག །སྣ་འགའ། ཕལ་ཆེར་བའི་སྡོམ་པ་བླངས་ཏེ། མི་གཙང་སྤྱོད་པའི་གཉེན་པོ་དུས་ཁྲིམས་འདི་ལྟར་བཟུང་ན།དུས་སྐབས་དང་མཚུངས་པའི་ཁྱིམ་པ་དགེ་བསྙེན་ཞེས་བཀུར་འོས་སུ་འགྱུར་བ་ལ་ཐེ་ཚོམ་དང་སོམ་ཉི་མ་བྱེད་ཅིག །ཕྱི་རབས་རྣམས་ཀྱི་ཐུགས་ལ་བཏགས་ཏེ་འདི་ཕྱིའི་ཕན་བདེ་འགྲུབ་ཐབས་ལ་རེ་བ་ཐུབ་པ་བཀའ་དྲིན་ཞུ། ཁྱིམ་པ་ཕལ་ཐལ་སོགས་སྔོན་སྦྱང་གིས། །བགས་ཆགས་སྟུག་པོའི་མུན་རུམ་འཁྱམས་དག་ལ། །གཅིག་ཏུ་སྨན་ཕྱིར་ལྷག་བསམ་དག་པའི་བློས། །
སྨྲས་འདིའི་འབྲས་བུ་ཆུད་མི་ཟ་བར་ཤོག།ཅེས་གླིང་དཀར་ལྷའི་རིགས་མ་འཆོལ་བའི་ཡ་རབས་དྲྭ་མའི་རིགས་ཅན་༧དབང་ཆེན་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་འཆི་མེད་གྲུབ་པའི་སྡེ་ཞེས་པདྨ་འོད་གསལ་མདོ་སྔགས་གླིང་པས་མཚན་གྱི་ཅོད་པན་གནང་བ་དེ་ཉིད་ཀྱིས་བསྐུལ་ངོར་ལྡོག་མིན་ཙམ་ཏུ་རྒན་བུ་གདོལ་སྤྱོད་པ་འགྲོ་འདུལ་པས་རང་ལོ་བདུན་ཅུ་རྩ་གཅིག་གནས་དུས་དགེ་ཞིང་ལེགས་པར་སྨྲས་པའོ། །སརྦ་མངྒ་ལཾ།

若此亦無暇、年老人等之普通眾人,於菩提心俱全之信心者前,遊戲或無戲,任一以受戒,藏曆八號、十五號、三十號殊勝三日之太陽一照到山頂時,根本四戒、酒五戒等缺點惡業思惟之,明日之太陽於自己住處照亮前,守戒承諾謂,一日一夜之時戒。
殺生而言,無論如何,跳蚤及蝨子想殺的思想,亦要遠離。偷盜而言,一針一線想偷之心,亦不可。
邪行而言,男女之間守戒存在,或存有男女貪婪之心而笑,亦不可。
說謊而言,即使是開玩笑之言不可說,須戒言。
酒一滴及肉如芝麻許不食,午後之粗食遠離之。
老人病人等一滴粥或酸奶少許外皆離,其他沒有細說亦是。
四根本戒受戒承允心憶持,明朝己居所曙光升起前,
或者持續一日一夜計數為一,並非連續計數也,
上述言般,三大殊勝日之時初始,盡力而為累計,
達成一百之數持守,不墮生三惡道,惡業強大之因,
若墮生,則可速離世,趨上三道投生乃永無欺之佛祖,
恆常勝宣,故無欺騙,福俱在家眾皈依戒互聯維繫,
得受一戒或多戒乃受全戒,邪行之對治,時戒如是守持,
時間關聯之在家善依則受敬重,無庸置疑。

未來子民心中謹記!此生來世之利樂成就方法,
殷切務要實行,感恩!
在家凡庸等昔修力以 習氣厚黯遮覆之此眾
唯為此益清淨發心予 所述此果希願勿徒勞
此翎嘎天人種姓純正之貴族者為貝瑪渥瑟多安林巴命其名翁千丹增法王,另稱齊美珠巴持續懇請,為其故,年老賤行者卓德巴渥多傑於七十一歲時處善滿之際述出。
薩瓦孟嘎浪!

一日一夜之時戒上三道戒體
書述者
阿藏珠巴卓德巴渥多傑
རིག་འཛིན་མཐར་ཕྱིན་ནས་བསྒྱུར།
漢譯者
持明仁增塔訫
持明新譯於猴年藏曆三月十五號阿彌陀佛殊勝日





創作者介紹
創作者 歡喜自在窩的部落格 的頭像
如雲菩提

歡喜自在窩的部落格

如雲菩提 發表在 痞客邦 留言(0) 人氣( 77 )